༈ རྒྱལ་སྲས་ལག་ལེན་བཤད་པ་ལ་གསུམ། མཆོད་པར་ [045B] བརྩམ་བྱ་བསྟན་བཅོས་ཀྱི་རང་བཞིན། མཇུག་གི་དོན་བསྡུ་བའོ། །དང་པོ་ལ་གཉིས། མཆོད་པར་བརྗོད་པ་དང། བརྩམ་པར་དམ་བཅའ་བའོ།། གཉིས་པ་བརྩམ་བྱ་བསྟན་བཅོས་ཀྱི་རང་བཞིན་ ལ་གཉིས། སྔོན་འགྲོ་ཆོས་ལ་འཇུག་ཚུལ་དང། དངོས་གཞི་སྐྱེས་བུ་གསུམ་གྱི་ལམ་བསྟན་པའོ། །དང་པོ་ལ་བདུན། རྙེད་དཀའི་དལ་འབྱོར་དོན་ཡོད་པར་བྱ་བ། དུག་གསུམ་གྱི་འབྱུང་གནས་ཕ་ཡུལ་སྤོང་བ། ཡོན་ཏན་གྱི་འབྱུང་ གནས་དབེན་པ་བསྟེན་པ། མི་རྟག་པ་སྐྱེས་པས་ཚེ་བློས་བཏང་བ། འགལ་རྐྱེན་གྲོགས་ངན་སྤོང་བ། མཐུན་རྐྱེན་བཤེས་གཉེན་བསྟེན་པ། སླུ་མེད་ཀྱི་དཀོན་མཆོག་ལ་སྐྱབས་སུ་འགྲོ་བའོ། །གཉིས་པ་དངོས་གཞི་སྐྱེས་ བུ་གསུམ་གྱི་ལམ་བསྟན་པ་ལ་གསུམ། སྐྱེས་བུ་ཆུང་ངུའི་ལམ་ངན་འགྲོའི་སྡུག་བསྔལ་ལ་འཇིགས་ནས་སྡིག་པ་སྤོང་བ། སྐྱེས་བུ་འབྲིང་གི་ལམ་སྲིད་པའི་བདེ་བ་ལ་མ་ཆགས་པར་ཐར་པ་དོན་དུ་གཉེར་བ། སྐྱེས་ བུ་ཆེན་པོའི་ལམ་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཏུ་བསྒོམས་པས་སྲིད་ཞིའི་མཐའ་ལས་གྲོལ་བའོ། །གསུམ་པ་ལ་གསུམ། བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། སྦྱོར་བ་བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པ་ དེ་དག་གི་བསླབ་བྱ་ལ་བསླབ་པའོ། །གཉིས་པ་ལ་གཉིས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའོ། །དང་པོ་ལ་གཉིས། མཉམ་གཞག་ཏུ་བདག་གཞན་བརྗེ་བ་བསྒོམ་པ་ [046A]༄༅། །དང༑ རྗེས་ཐོབ་ཏུ་རྐྱེན་ངན་ལམ་དུ་འཁྱེར་བའོ། །གཉིས་པ་ལ་བཞི། མི་འདོད་པའི་ཆོས་བཞི་ལམ་དུ་འཁྱེར་བ། བཟོད་དཀའ་གཉིས་ལམ་དུ་འཁྱེར་བ། འབྱོར་རྒུད་གཉིས་ལམ་དུ་འཁྱེར་བ། ཆགས་སྡང་ གཉིས་ལམ་དུ་འཁྱེར་བའོ། །དང་པོ་ལ་བཞི། མ་རྙེད་པ་ལམ་དུ་འཁྱེར་བ། སྡུག་བསྔལ་ལམ་དུ་འཁྱེར་བ། མི་སྙན་པ་ལམ་དུ་འཁྱེར་བ། སྨད་པ་ལམ་དུ་འཁྱེར་བའོ། །གཉིས་པ་བཟོད་དཀའ་གཉིས་ལམ་དུ་འཁྱེར་བ་ལ་གཉིས། དྲིན་ལན་ལོག་འཇལ་ལམ་དུ་འཁྱེར་བ་དང། དམན་པའི་བརྙས་ཐབས་ལམ་དུ་འཁྱེར་བའོ། །གསུམ་པ་འབྱོར་རྒུད་གཉིས་ལམ་དུ་འཁྱེར་བ་ལ་གཉིས། རྒུད་པ་ལམ་དུ་འཁྱེར་བ་དང། འབྱོར་བ་ལམ་དུ་འཁྱེར་བའོ། ། བཞི་པ་ཆགས་སྡང་གཉིས་ལམ་དུ་འཁྱེར་བ་ལ་གཉིས། སྡང་ཡུལ་ལམ་དུ་འཁྱེར་བ་དང། ཆགས་ཡུལ་ལམ་དུ་འཁྱེར་བའོ། །གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་གཉིས། མཉམ་གཞག་ཏུ་སྤྲོས་བྲལ་འཛིན་ མེད་བསྒོམ་པ་དང། རྗེས་ཐོབ་ཏུ་ཆགས་སྡང་གི་ཡུལ་ལ་བདེན་ཞེན་སྤོང་བའོ། །གཉིས་པ་ལ་གཉིས། ཆགས་ཡུལ་ལ་བདེན་ཞེན་སྤོང་བ་དང། སྡང་ཡུལ་ལ་བདེན་ཞེན་སྤོང་བའོ། །གསུམ་པ་དེ་དག་གི་བསླབ་བྱ་ལ་བསླབ་ པ་ལ་ལྔ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པ། མདོ་ནས་གསུངས་པའི་ཆོས་བཞི་ལ་བསླབ་པ། ཉོན་མོངས་པ་སྤོང་ཚུལ་ལ་བསླབ་པ། དྲན་ཤེས་ལྡན་པས་གཞན་དོན་སྒྲུབ་པ་ལ་བསླབ་པ། དགེ་བ་རྫོགས་བྱང་དུ་བསྔོ་ [046B] དང་པོ་ལ་དྲུག་སྦྱིན་པ་ལ་བསླབ་པ། ཚུལ་ཁྲིམས་ལ་བསླབ་པ། བཟོད་པ་ལ་བསླབ་པ། བརྩོན་འགྲུས་ལ་བསླབ་པ། བསམ་གཏན་ལ་བསླབ་པ། ཤེས་རབ་ལ་བསླབ་པའོ། །གཉིས་པ་མདོ་ནས་གསུངས་པའི་ ཆོས་བཞི་ལ་བསླབ་པ་ལ་བཞི། རང་གི་འཁྲུལ་པ་ལ་བརྟགས་ནས་སྤོང་བ། བྱང་སེམས་ཀྱི་ཉེས་པ་སྨྲ་བ་སྤང་བ། སྦྱིན་བདག་གི་ཁྱིམ་ལ་ཆགས་པ་སྤོང་བ། རྩུབ་མོའི་ཚིག་སྨྲ་བ་སྤོང་བའོ། །གསུམ་པ་མཇུག་གི་དོན་བསྡུ་ བ་ལ་ལྔ། གང་གི་དོན་དུ་ཇི་ལྟར་བརྩམས་པ། ལག་ལེན་འཁྲུལ་མེད་དུ་བསྟན་པ། ཁེངས་བསྐྱང་ཞིང་བཟོད་པར་གསོལ་བ། བརྩམས་པའི་དགེ་བ་བསྔོ་བ། ཕུན་ཚོགས་བཞི་ལྡན་གྱི་མཛད་བྱང་ངོ། །ཞེས་པ་འདི་ཡང་རྒྱལ་སྲས་ ཆེན་པོའི་གསུང་དང་ཉན་པོ་དཔལ་རིན་གྱི་གཞུང་ལ་བརྟེན་ནས་བན་བཙུན་དྷརྨའི་མིང་ཅན་གྱིས་རང་གི་བརྗེད་བྱང་དུ་བྲིས་པའོ་